རྒྱལ་ཁབ་ཅིག་གི་འབངས་མི་གསར་བ་ཞིག་ཏུ་བསྒྱུར་འདོད་ན།
ཐོག་མར་ངེས་པར་དུ་རྒྱལ་ཁབ་དེའི་བརྩམས་སྒྲུང་གསར་བ་ཞིག་ཏུ་བསྒྱུར་དགོས་ཤིང་། ཀུན་སྤྱོད་གསར་བ་ཞིག་ཏུ་བསྒྱུར་འདོད་ན།
ངེས་པར་དུ་བརྩམས་སྒྲུང་གསར་བ་ཞིག་ཏུ་བསྒྱུར་དགོས། དེ་བཞིན་ཆོས་ལུགས་དང་ཆབ་སྲིད། ཡུལ་སྲོལ་དང་སྒྱུ་རྩལ།
ཐ་ན་མིའི་སེམས་པ་དང་མི་གཞི་གསར་བ་ཞིག་ཏུ་བསྒྱུར་འདོད་ནའང་། ངེས་པར་དུ་བརྩམས་སྒྲུང་གསར་བ་ཞིག་ཏུ་བསྒྱུར་དགོས།
གང་གི་ཕྱིར་ཞེ་ན། བརྩམས་སྒྲུང་ལ་མི་ཚུལ་ལ་བཀོད་འདོམས་བྱེད་པའི་བསམ་ཡུལ་ལས་འདས་པའི་ནུས་ཤུགས་ཤིག་ཡོད་པས་སོ།།
ལྱིང་ཆི་ཁྲའོ།
<<བརྩམས་སྒྲུང་དང་དམངས་སྐྱོང་བར་གྱི་འབྲེལ་བ་གླེང་བ>>ལས་བསྒྱུར།
བསོད་ནམས་རྒྱལ། ངོ་མ་གོ་རྒྱུ་ཡོད་ཀི། འོ་ན། བརྩམས་སྒྲུང་གསར་བ་ལ་ཇི་ལྟར་བསྒྱུར་རམ།
ཟླ་བ་གཞོན་ནུ། ལད་ཟློས་དང་སྒྱིད་ལུག་གི་ར་བ་ལས་ཡོངས་སུ་འགོང་བར་བྱས་ཏེ།
བསམ་བློ་གསར་བ་དང་། ཕུགས་བསམ་རྣལ་མ། མིག་རྒྱང་རིང་བོའི་བསམ་གཞིགས་དང་སྡོངས་ཏེ། ཕྱོགས་སྟོན་དང་ལམ་སྟོན།
ཡང་ན་ཐ་ཚིག་དང་ཉེན་བརྡ་རང་བཞིན་ལྡན་པ་ཞིག་ཏུ་བསྒྱུར་ཐུབ་ན་རབ་དང་ཕུད་དུ་འགྱུར་ཞིང་དོན་སྙིང་ལྡན་པ་ཞིག་ཏུ་འགྱུར་ངེས་རེད་བསམ།
ལོ་མ་ རྒྱལ། བསམ་བློ་གསར་བ་ཟེར་ན་ཅི་ཞིག་རེད།
ལྷ་མོ་སྐྱབས། དུས་རབས་ཀྱིབརྩམས་སྒྲུང་གསར་བའི་ཁ་ཕྱོགས་རྟོགས་ཅིང་རང་ཉིད་ཀྱིས་སྐད་ཡིག་གི་ནང་གཟུངས་འཇུག་བཞིན་འཇིག་ཐུབ་པར་བྱས་ན་མི་ལེགས་སམ་་་་་་་་་་་་་ཅི་ལྟར་བསྒྱུར་བར་བསམ་པ་དེ་ནི་བསམ་བློའི་བྲན་གཡོག་ཏུ་འགྱུར་གྱིན་འདུག་པས་་བསམ་བློའི་རང་དབང་ལ་བཀག་རྡོ་ལྟ་་བུ་ཞིག་ཏུ་མཐོང་་་་་་་་དེ་ནི་རང་ཉིད་ཀྱི་འདོད་ཚུལ་ཡིན
ཟླ་བ་གཞོན་ནུ། བསམ་བློ་གསར་བ། ཁ་སྐད་དུ་བཤད་ན་བསམ་བློ་གཏོང་སྟངས་གསར་བ།
ལྟ་བ་གསར་བ། ངོས་འཛིན་གསར་བ། བསམ་གཞིགས་དང་། གསར་བ་ཟེར་བ་སྔ་མ་ལས་ལྟོས་ནས་བཤད་ཀྱིན་པ་རེད།
སླ་ཆོས་སུ་ལྟ་སྟངས་ལ་གོ་ཡང་རུང་སྙམ། སྤྱི་འགྲོས་ཀྱི་རྒྱ་ལས་འགོང་བར་བྱས་པའི་བསམ་བློ་གཞན་དང་མ་འདྲ་བ་ཞིག
དེ་ཡང་ལད་ཟློས་དང་སྒྱིད་ལུག་དང་འབྲེལ་བ་ཡོད་རེད་བསམས། ལད་ཟློས་ཡོད་པས་གསར་བ་ཡོང་ཐབས་མེད་ཅིང་།
སྒྱིད་ལུག་ཡོད་པས་བསམ་བློ་ཡོང་ཡེ་མེད་པར་འདོད།
བསོད་ནམས་རྒྱལ། ཨོ་། དེ་ན་བསམ་བློ་གསར་བ་སུ་ལ་བཤད་།
གང་ལ་བཤད། ཇི་ལྟར་བཤད་དམ།
ཟླ་བ་གཞོན་ནུ། འོ དེ་ཙོ་རེད ཀློག་མཁན་ལ་བརྩམས་སྒྲུང་གི་ལམ་ནས་བཤད་དགོས་ཀ
འཇམ་དབྱངས་གྲགས་པ། དཔེ་ཡག་པོ་གསུངས་འདུག ཡིན་ཡང་བོད་པའི་གོམས་སྲོལ་ངན་པ་འདིས་སྒྲུང་ཟེར་ན་རྡོའི་སེངྒེས་ཁ་གདང་པ་ལྟ་བུའི་བྱིས་པ་མགོ་སྐོར་གཏོང་བྱེད་ཅིག་ལ་བརྩིས་འདུག་ན་བརྩམས་སྒྲུང་གིས་ནུས་པ་དེ་ཙམ་ཨེ་ཐོན་དྲན།
བསོད་ནམས་རྡོ་རྗེ། གོང་གི་སྐད་ཆ་དེ་ཚོ་གནའ་བོའི་སྤྱི་ཚོགས་དང་དུས་སྐབས་དེའི་སྒྲུང་མཁན་ཞིག་གི་བསམ་བློ་ལས་གཏའ་མི་འདུག་ཨང་།
ཟླ་བ་གཞོན་ནུ། དེང་སང་ཡར་རྒྱས་སུ་འགྲོ་བཞིན་པར་མཐོང་། བརྩམས་སྒྲུང་གི་ཕྱོགས་ནས
ཟླ་བ་གཞོན་ནུ། གནའ་བོའི་སྤྱི་ཚོགས་ཀྱི་སྒྲུང་མཁན་ཞིག་ལ་འདི་ལྟ་བུའི་བསམ་བློ་ཕལ་ཆེར་ཡོད་མི་སྲིད།
མི་འདོད་ཟེར་ན་དཔེ་མཚོན་ཞིག་ཞུས་དང་ལྷོད་ཀྱིས་གླེང་ཆོག
ཟླ་བ་གཞོན་ནུ། འདིར་བརྩམས་སྒྲུང་དམིགས་སུ་མི་འགེར་བར། རྩོམ་རིག་གི་བྱེད་ལས་སུ་འདོན་པར་བྱས་ཀྱང་མི་ཆོག་པ་མེད་སྙམ་དུ་བསམས།
དཔེར་ན་སློབ་དཔོན་ཆེན་མོ་དཎྜིས། གལ་ཏེ་སྒྲར་བོད་སྣང་བ་ཡིས།། འཁོར་བའི་བར་དུ་མ་གསལ་ན།།
འཇིག་རྟེན་གསུམ་པོ་མཐའ་དག་འདི།། སྨག་རུམ་མུན་པ་ཉིད་དུ་འགྱུར།། ཞེས་པ་ལའང་བསམ་བློ་ཞིབ་མོ་གཏོང་རྒྱུ་ཡོད་བསམས།
བསོད་ནམས་རྡོ་རྗེ། གནའ་བོའི་སྤྱི་ཚོགས་ནི་སྒྲུང་གིས་ཁ་ལོ་བསྒྱུར་བར་བྱས་ཡོད་དེ།
རྒྱ་མཚན་ཅི་ཡིན་དཔེ་ཙམ་བརྗོད་ན། གནའ་བོའི་དུས་ཀྱི་རྒྱ་གར་ནི་ཧིན་རྡུའི་ལུགས་ཀྱི་རྟོགས་བརྗོད་དམ་སྒྲུང་འབའ་ཞིག་གིས་དབང་དུ་བསྒྱུར་བ་ཡིན་ལ།
རྒྱ་ནག་ལའང་དེ་ལྟ་བུའི་ལོ་རྒྱུས་ཡོད་པ་དང་། རང་རེའི་བོད་མི་རྣམས་ཀྱི་འདུ་ཤེས་དང་ཁྱིམ་སྲིད་ལྟ་བ་ཡང་སྒྲུང་༼སྒྲུང་བོན་རྡེའུ༽འབའ་ཞིག་གིས་དབང་བསྡུ་བྱས་ཡོད།
དེ་ནི་གནའ་བོའི་དུས་ཀྱི་ཤེས་རིག་འཕེལ་སྟངས་ཤིག་རེད་ལ། དཔལ་ཡོན་དེའི་ཕག་ན་ད་བཟོད་རྒྱལ་ཁབ་ཞིག་གི་འབངས་མི་གསར་བར་བསྒྱུར་འདོད་ཀྱི་དམིགས་པ་ཅན་མང་ཚོད་རེད།
དེ་ནི་སྲིད་དོན་གྱི་དགོས་མཁོ་འམ་དབང་བསྒྱུར་གྱི་ལམ་བུ་གཞན་ཞིག་ཀྱང་ཡིན་སྲིད།
བསོད་ནམས་རྡོ་རྗེ། འོན་ཀྱང་དུས་གསར་གྱི་འགྲོས་དང་བསྟུན་བསམ་བློ་སྒེར་བ་ཞིག་གི་དབང་བསྒྱུར་གྱི་ལམ་ཕྲན་དོག་ནས་དོག་ཏུ་སོང་བ་དང་།
སྣ་མང་དང་དངོས་ཡོད། འཕྲུལ་རིག་ཆ་འཕྲིན་གྱི་གཞུང་ལམ་བརྒྱུད་མི་རྣམས་ཀྱི་ཀླད་པ་དང་བརྩམས་སྒྲུང་ཤིག་གིས་དམ་དུ་བཅིངས་བའི་བསམ་བློ་ལ་རྟོགས་པ་དང་རང་དབང་ཐོབ་སོང་བ་རེད།
ད་དུང་འདི་ལྟ་བུའི་བསམ་བློའི་འཁྱེར་སོ་ཞིག་དུས་རབས་༡༨་ནས་༢༠་བར་རྦ་རླབས་བཞིན་འཕྱུར་མྱོང་ཡོད་མོད།
འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་དེ་དག་གི་ལས་དབང་ནི་འབུ་སྲིན་ཉི་ཚེ་བ་ཞིག་དང་ཀུན་ནས་མཚུངས་སོ།།
ལྷ་མོ་སྐྱབས། དུས་རབས་ཀྱི་འཕེལ་འགྲིབ་ཁྲོད་ནས་གནའ་བོའི་རྩོམ་རིགས་ཀྱི་ཁ་ཕྱོགས་ཀྱང་འགྱུར་སོང་བ་རེད།
འོན་ཀྱང་སྔོན་གྱི་བསམ་བློ་བ་དག་གི་གཏན་ཚིགས་དག་ནི་དུས་རབས་འདིའི་དེ་རིང་ཡང་ཅི་འདྲའི་བདེན་དོན་རང་བཞིན་གྱི་བསམ་བློ་རེ་རེ་རེད་འང་།
བསོད་ནམས་རྒྱལ། མདོར་ན། རིན་ཐང་ཡོད་མེད་ཀྱི་སྐད་ཆ་དེ་རེད།
ཟླ་བ་གཞོན་ནུ། ཁྱེད་ཀྱིས་ལྷ་སྒྲུང་ཟེར་གྱིན་ཡོད་དམ། དྲི་བ་དང་འབྲེལ་བ་དམིགས་བསལ་མཐོང་མ་སོང་།
དེ་ལྟར་ན། གནའ་བོའི་སྤྱི་ཚོགས་སྒྲུང་གིས་ཁ་ལོ་བསྒྱུར་མེད་དེ། དེ་ཆོས་ལུགས་ཀྱིས་དབང་སྒྱུར་བྱས་ཡོད་པའི་ཕྱིར།
ཟེར་ན་ཅི་ཟེར། གནའ་བོའི་སྤྱི་ཚོགས་སྒྲུང་གིས་ཁ་ལོ་སྒྱུར་མེད་དེ། བཙན་པོ་དབང་ཡོད་ཚོས་ཁ་ལོ་སྒྱུར་ཡོད་པའི་ཕྱིར།
ཟེར་ན་ཆི་ཟེར་རྒྱུ། འདིར་གནའ་བོའི་སྤྱི་ཚོགས་སུ་ཞིག་དང་ཅི་ཞིག་གིས་དབང་སྒྱུར་བྱས་ཡོད་མེད་དང་ཅི་ཞིག་གིས་ཁ་ལོ་སྒྱུར་ཡོད་མེད་དྲིས་མེད།
བདག་གིས་གང་དྲིས་པ་ནི་གནའ་བོའི་སྤྱི་ཚོགས་ཀྱི་སྒྲུང་མཁན་སུ་ཞིག་ལ་གོང་གི་འདི་ལྟ་བུའི་བསམ་བློ་ཡོད་མེད་དེ་ཡིན
ཟླ་བ་གཞོན་ནུ། བདག་གི་གྲོགས་པོ་ཞིག་གིས་སྐད་གསེང་མཐོན་པོས་བཤད་པ་ལྟར།
ལྷ་སྒྲུང་ནི་མུན་པའི་དུས་རབས་ཀྱི་རིག་གནས་ཤིག་ཡིན། སྤྱི་ཚོགས་གང་ཞིག་གི་ནང་དུ་ཇི་ལྟར་ལྷ་སྒྲུང་རིག་གནས་ལ་དད་ཞེན་ཆེ་བ་མང་ན།
དེ་ལྟར་སྤྱི་ཚོགས་དེའི་ངོ་བོ་མུན་ནག་དང་རྗེས་ལུས་ཡིན་པ་མཚོན། ལྷ་སྒྲུང་ནི་ཆེས་དམའ་རིམ་དང་གཉུག་གཤིས་ཀྱི་སེམས་ཁམས་དང་མངོན་འདོད་ལྟ་བུ་ཞིག་མ་རེད་དམ།
ཟླ་བ་གཞོན་ནུ། བསོད་ནམས་རྒྱལ་ལགས། རེད། རིན་ཐང་གི་ཐད་ནས་བཤད་ཀྱིན་ཡོད་པ་རེད།
མི་རེ་རེའི་རིན་ཐང་གི་གདེང་འཇོག་དང་རིན་ཐང་གི་ལྟ་སྟངས་ཀྱང་མི་འདྲ་བས། བསམ་ཚུལ་ཐ་དད་ཡོང་གི་ཡོད་ནི་རེད་བསམས།
རིན་ཐང་གི་ལྟ་སྟངས་དེ་ལ་ཡང་མི་རེ་རེའི་འཚར་ལོངས་ཀྱི་ཁོར་ཡུག་དང་། ་འཇིག་རྟེན་ལྟ་སྟངས་དང་མཛེས་དཔྱོད་ཀྱི་བསམ་བློའི་འཁྱེར་སོ་མི་འདྲ་བས་ཐ་དད་པར་གྱུར་བ་རེད་འདོད།
བསོད་ནམས་རྒྱལ། དེ་བས། སྐད་ཆ་གང་ཞིག་གི་རིན་ཐང་དེ་དུས་ཚོད་ཀྱི་སྔ་ཕྱི་ཡིས་ཐག་གཅོད་བྱེད་མི་ཐུབ་པ་འདྲ།
ལྷ་མོ་སྐྱབས། སྐྱབས་་་་་་་་་་་་ངས་ཁྱེད་ལ་ཞིག་འདྲི་ཀི་རི་སུ་ཡིན་ན་འདྲ་རྒྱ་གར་ཡིན་འདྲ་་རང་བོད་ཡིན་ནའང་ཆོག་གི་་་་་་་་་ཡོད་ཚད་ཀྱི་འབྱུང་ཁུངས་་ལྷ་སྒྲུང་ལ་གཞི་བཅོལ་བ་་ནི་ཅིའི་ཕྱིར་ཡིན་ནམ་་་་་རྒྱ་ཡི་བཀྲ་བྷེ་ཡིས་བཤད་རྒྱུར་་རིག་གནས་ཡིན་ན་འདྲ་་་་་ཆོས་ཡིན་ན་འདྲ་་་་་་་ཚང་མ་ལྷ་སྒྲུང་ནས་བྱུང་བ་ཡིན་ཞེས་པེ་དེ་རྒྱུ་མཚན་ཏིལ་འབྲི་ཙམ་ཡང་མེད་སོང་ཨེ་རེད།
འདི་དག་ལ་ཁྱེད་ཀྱིས་ཅི་ལྟར་བསམ་གྱིན་ཡོད་དམ།
ཟླ་བ་གཞོན་ནུ། རིན་ཐང་ཡོད་མེད་རང་སྟེང་ནས་འཚོལ་དགོས་རེད་བསམས།
སྔ་བས་རིན་ཐང་མེད་པ་དང་། ཕྱི་བས་རིན་ཐང་ཡོད་པས་ཀྱང་ཁྱབ་ཀྱི་མ་རེད། ཡིན་ནའང་ཕྱི་མ་བ་སྔ་མའི་ཕྲག་སྟེང་དུ་བསྡད་ཡོད་པས།
དེ་ལས་ཅུང་ཚད་ཇེ་མཐོ་དང་གོང་འཕེལ་དུ་འགྲོ་བ་དངོས་པོའི་ཆོས་ཉིད་དང་མངོན་སུམ་ཡང་རེད་དོ་སྙམ་དུ་བསམ་མོ།།
ཟླ་བ་གཞོན་ནུ། ལྷ་སྒྲུང་ལ་གཞི་བཅོལ་དགོས་དོན་ནི། དེ་ནི་གདོད་མའི་དུས་སྐབས་སུ་བྱུང་བ་དང་།
དེ་དུས་མི་རྣམས་ཀྱི་བསམ་བློ་གོ་རྟོགས་དང་ཕྱི་རོལ་ཡུལ་གྱི་ངོས་འཛིན་ཆེས་དམན་པའི་དུས་ཡིན་པས།
ཤེས་རྟོགས་ཀྱི་གོ་རིམ་རིང་མོའི་ཁྲོད་དུ་མི་རབས་ནས་མི་རབས་བརྒྱུད་པའི་ངག་རྒྱུན་གྱི་ལྷ་སྒྲུང་བྱུང་བ་རེད།
དེ་བས་ང་ཚོས་དེ་དུས་ཀྱི་མི་ཚོའི་བསམ་བློའི་འཁྱེར་སོ་དང་འཚོ་བ་སྐྱེལ་སྟངས་དང་དད་མོས་སོགས་ལ་ཞིབ་འཇུག་བྱེད་དགོས་ཙ་ན།
དེ་ལ་ངེས་པར་དུ་གཞི་བཅོལ་དགོས་པར་འདོད་དེ། དེ་མ་གཏོགས་ང་ཚོ་ལ་གཞི་བཅོལ་ས་གཞན་པ་མེད་མོད།
བསོད་ནམས་རྒྱལ། ཨོ། དེ་ན་ཡང་དྲི་བ་ཞིག་ཡོད་དེ། ལྷ་སྒྲུང་ནས་གཏམ་རྒྱུད།
གཏམ་རྒྱུད་ནས་བརྩམས་སྒྲུང་། དེ་ན་བརྩམས་སྒྲུང་གི་ཁ་ཕྱོགས་གང་ལ་ཕྱོགས་ངེས། དང་པོ། བོད་ཀྱི་བརྩམས་སྒྲུང་གི་ཁ་ཕྱོགས་གང་ལ་འགྲོ་འམ།
དེ་ནས། ནུབ་ཕྱོགས་པའི་བརྩམས་སྒྲུང་གི་ཁ་ཕྱོགས་ཡང་གང་ལ་ཕྱོགས་ངེས། དེ་ནས། སྤྱི་ཤར་ཕྱོགས་པའི་བརྩམས་སྒྲུང་གི་ཁ་ཕྱོགས་གང་ལ་འཕེལ་ངེས།
སྤྱིར་འཛམ་གླིང་བརྩམས་སྒྲུང་གི་ཁ་ཕྱོགས་གང་ལ་འཕེལ་ན་བཟང་ངམ།
ཟླ་བ་གཞོན་ནུ། ལྷ་མོ་སྐྱབས་ལགས། ཁོང་གིས་རིག་གནས་ཡིན་ནའང་འདྲ། ཆོས་ལུགས་ཡིན་ནའང་འདྲ།
ཚང་མ་ལྷ་སྒྲུང་ནས་བྱུང་བ་ཡིན་ཞེས་པའི་དོན་ནི། ང་རང་གིས་བསམ་ན། མགོ་འཛུགས་ས་དང་འབྱུང་ཁུངས་འདྲ་ཞིག་ལ་གོ་བ་བླངས་ན་གང་འདྲ་འདུག
དེ་ནས་མགོ་བཙུགས་ཏེ་ག་ལེར་ག་ལེར་ཡར་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་སོང་བ་ཞིག་མ་རེད་དམ།
ཕྱི་རོལ་གྱི་འཇིག་རྟེན་ངོས་འཛིན་ཚུལ་གཅིག་པུའི་བརྒྱུད་རིམ་ལ་ཏོག་ཙམ་བལྟས་པས་ཀྱང་ཧ་གོ་ཐུབ་སྙམ།
ཟླ་བ་གཞོན་ནུ། བསོད་ནམས་རྒྱལ་ལགས། ལྷ་སྒྲུང་དང་གཏམ་རྒྱུད། བརྩམས་སྒྲུང་། དེ་གསུམ་པོ་སྒྲིག་གཞི་དང་།
བྱུང་རིམ། ཟེ་བ། མཚོན་ཐབས་སོགས་ཆིག་རྐྱང་ཡིན་མིན་་དང་སྣ་མང་ཡིན་མིན་གྱི་ཁྱད་པར་ཙམ་ལས།
སྙན་ངག་དང་ཟློས་གར། བརྩམས་སྒྲུང་སོགས་ཀྱི་ཁྱད་པར་དེ་ལྟ་བུ་མེད་ཅིང་རྩོམ་ལུས་གཞན་ཞིག་ཏུ་འགྱུར་བའི་སྲིད་པའང་ཧ་ཅང་ཆུང་སྙམ།
སྤྱིར་སྒྱ་རྩལ་རྩོམ་རིག་གི་དབྱེ་བ་ཆེན་པོ་བཞི་ཁྲོད་ཀྱི་བརྩམས་སྒྲུང་ལ་འགྱུར་བ་ཐེབས་ནའང་།
མཚོན་ཐབས་དང་ཞིབ་འབྲིའི་ཆ་ནས་འགྱུར་བ་ད་བར་དུ་ཐེབས་པ་ལྟར་ཐེབས་རྒྱུ་རེད་འདོད། སྔོན་མའི་བརྩམས་སྒྲུང་དེ་དག
ཡུལ་ལྗོངས་ཞིབ་འབྲི་ལ་གཞོལ་ཆེ་ཞིང་། དེ་ནས་རིམ་པར་མི་སྣ་ཞིབ་འབྲི། དེ་ནས་དེང་སང་སེམས་ཁམས་ཞིབ་འབྲི་ཞིག་གི་དུས་ལ་ཐོན་མི་འདུག་གམ།
འོག་འགྱུ་སྨྲ་བ་ཟེར་བ་དེ་རེད། དེ་དེང་རབས་ཡིན་པའི་ཁུལ་རེད།
ལྷ་མོ་སྐྱབས། རེད་རེད་་་་ཡིན་པ་ལྷ་སྒྲུང་ནི་དེ་དག་ལས་་བྱུང་བའི་ཁུངས་ཡིན་པར་བཤད་པ་རེད་་་་་་་་མ་གཞི་དེ་འདྲ་ཟིག་ཡིན་པ་་འདྲ་སྟེ་གདོད་མའི་དུས་ཀྱིས་མི་རྣམས་ཀྱི་རང་བཞིན་འཁྱོག་པོ་ཞིག་མ་ཡིན་ཞིང་དབང་བསྒྱུར་ཆོག་ཆོག་ཅིག་ཡིན་པས་ན་《ཞེད་སྣང་ལས་ཆོས་ལུགས་བྱུང་།》ཞེས་ནེ་རོ་ཡིས་དེ་ལྟར་ལབ་པའི་རྒྱུ་མཚན་ཡང་དེ་ལ་ཐུག་ཡོད་པར་འདོད།
དེ་བས་ན་མི་ཡི་བློ་ཡིད་ལས་འདས་པའི་རྟོགས་བཏགས་རང་བཞིན་གྱི་སྒྲུང་ཞེས་ན་འདྲ་ཆོས་ལུགས་ཞེས་པ་དེ་ཡང་དེ་ལྟར་བྱུང་བ་ཡིན་ན་ཡང་་་་་དེ་ནི་རྙོག་འཛིང་གིས་བསྐྲུན་པའི་འཇིག་རྟེན་ལོ་རྒྱུས་ཀྱི་རྨང་རྡོ་རེད་་་་་མཚར་སྡུག་གིས་ཁེངས་བའི་འབྱུང་འགྱུར་ཞིག་ཡོད་ནཡང་་་་་་་་་་་་་་་་་་
བསོད་ནམས་རྒྱལ། འོག་འགྱུ་སྨྲ་བ་ཟེར་ན་ཅི་རེད།
ཟླ་བ་གཞོན་ནུ། མ་འོངས་པའི་བརྩམས་སྒྲུང་གི་ཁ་ཕྱོགས་བཤད་རྒྱུ་ལས་སླ་བོ་མ་རེད།
དེ་ནི་ཡུལ་ནས་མུན་ནག་ནང་དུ་ལག་མྱང་བྱས་པ་ལྟ་བུ་མ་རེད་དམ། བོད་ཀྱི་བརྩམས་སྒྲུང་གི་ཁ་ཕྱོགས་ནི་ཕྱི་གླིང་གི་རྩོམ་རིག་དང་འབྲེལ་འདྲིས་ཁྲོད།
ཐོག་མར་ལད་ཟློས་དང་དེ་ནས་རིམ་བཞིན་རང་ཚུགས་ཅན་དུ་འགྱུར་ངེས་རེད་སྙམ། འཛམ་གླིང་གི་རྩོམ་རིག་དང་དཔུང་བ་མཉམ་གཤིབ་ཀྱིས་བསྐྱོད་ཐུབ་པའི་དུས་ཤིག་མྱུར་དུ་ཤར་ངེས་རེད་སྙམ།
ཨ་ལེའི་<<རྡུལ་ཚུབས་དྭངས་སོང་>>ནི་བརྩམས་སྒྲུང་ཞིབ་འབྲི་དང་མཚོན་ཐབས་སོགས་གང་གི་ཆ་ནས་ཀྱང་ལེགས་པོ་ཞིག་ཏུ་མཐོང་ལ།
ཧུ་ར་འཇའ་པེའི་<<རྨི་ལམ་འཁྲུག་པའི་ལོ>>་ནི་ལད་ཟློས་རང་བཞིན་ཡོད་ནའང་།
བོད་པའི་གཡའ་ཡོད་ལ་མཚོན་ཐབས་དང་བྱུང་རིམ་གྱི་གོ་སྒྲིག་ཧ་ཅང་བཟང་བས། བརྩམས་སྒྲུང་ཚད་ལྡན་རེད་སྙམ།
ད་དུང་སྐྱབས་ཆེན་བདེ་གྲོགས་ལགས་ཀྱི་<<གངས་འདབས་ཀྱི་དུར་ཁྲོད་དང་།
རྒོད་པོའི་གཤོག་འགྱུར>>་ཡང་ཧ་ཅར་ལེགས་པར་འདོད། ག་ལེར་ག་ལེར་འདི་ལྟ་བུ་ཚད་ལྡན་གང་མང་འབྱུང་གི་རེད་སྙམ་དུ་བདག་བསམ་མོ།།
ཟླ་བ་གཞོན་ནུ། ལྷ་མོ་སྐྱབས་ལགས། གདོད་མའི་ཆོས་ལུགས་དང་ཆོ་ག་དེ་དག་ཕལ་ཆེར་རང་བྱུང་ཁམས་ལ་རྒྱུས་ལོན་ཟབ་མོ་མ་བྱུང་བས།
ཞེད་སྣང་ལས་བྱུང་བར་བཤད་ཀྱང་ཆོག་གི་བསམ།
བསོད་ནམས་རྒྱལ། དེ་ན་འོག་འགྱུ་སྨྲ་བ་ཟེར་ན་ཅི་རེད།
ཟླ་བ་གཞོན་ནུ། འོག་འགྱུ་སྨྲ་བ། ཟེར་བ་དེ་དབྱིན་སྐད་དུ་Stream
of consciousness་དང་། རྒྱ་སྐད་དུ意识流ཟེར་བ་དེ་རེད། འདི་ཤེས་པ་ལ་དང་པོ་ཕྱི་གླིང་གི་སེམས་ཁམས་རིག་པ་ལ་ཏོག་ཙམ་སྦང་བ་བྱེད་དགོས་བསམ།
ཁོ་ཚོའི་བཤད་སྟངས་ལྟར་བྱས་ན། སེམས་ཀྱི་ཁམས་དེ་ལ་དབྱེ་བ་གསུམ་འདྲ་ཞིག་ཕྱེ་འདུག བདུད་ལྷ་རྒྱལ་སོགས་ཀྱིས་འགོངས་བའི་བདག་དང་གདོང་མའི་བདག་སོགས་ཅིག་བཤད་ཀྱིན་པ་དེ་འདི་བཤད་བསམས་པ་རེད།
ཡིན་པ་ནི་འདུ་ཤེས་འོག་མའམ་བག་ལ་ཉལ་དེའི་དབང་དུ་གྱུར་དུ་བཅུག་ནས་དེའི་གང་བསམས་བསམས་འདྲ་ཞིག་བྲིས་ཡོང་གི་ཡོད་རེད།
འདི་དེང་རབས་རྩོམ་རིག་གི་མཚོན་ཐབས་བླ་ན་མེད་པ་ཞིག་ཏུ་འདོད་ཀྱིན་ཡོད་པ་རེད། འདིའི་དཔེ་མཚོན་དུ་<<ཆུ་འགྲོས་ལང་ཚོའི་དྲན་གསོ>>་ཟེར་བ་དེ་དང་།
<<ཡུ་ལི་ཞིས་སི>> ད་དུང་དེང་རབས་བུད་མེད་བརྩམས་སྒྲུང་མཁན་གྲགས་ཅན་བིར་རྗི་ནི་ཡ།
བོལ་ཧྤི་ཡི <<གྱང་ངོས་ཀྱི་ནག་ཐིག>>(འདི་བསྟན་བཅོས་ལོ་རིམ་དང་བོའི་སྐབས་སུ་དབྱིན་ཡིག་གི་སློབ་ཚན་དུ་ཡོང་གི་རེད།
འདི་བོད་ཡིག་ཏུ་སྒྱུར་བཞིན་ཡོད) སོགས་རེད། བརྩམས་སྒྲུང་འདི་དག སྲོལ་རྒྱུན་གྱི་བརྩམས་སྒྲུང་གི་རྒྱ་ལས་རྦད་དེ་ཡོངས་སུ་བརྒལ་ནས་ཡོད་པ་རེད།
ཟླ་བ་གཞོན་ནུ། འབྲི་ཐབས་འདིས་སྲོལ་རྒྱུན་བརྩམས་སྒྲུང་གི་སྒྲིག་གཞི་ཟེར་བ་དང་།
མི་སྣ་ཞིབ་འབྲི་ཟེར་བ། བྱུང་རིམ་ཟེར་བ་སོགས་ཡོངས་སུ་གཏོར་ནས་ཡོད་པ་རེད། <<ཆུ་འགྲོས་ལང་ཚོའི་དྲན་གསོ་>>ལྟ་བུ།
བྱུང་རིམ་གྱི་རྒྱ་ལས་ཡོངས་སུ་བརྒལ་ཡོད་པས། མགོ་རྔ་མ་དང་བར་སྐེད་པ་གང་ནས་ཀློག་ཀྱང་གོ་རིམ་འཁྲུགས་རྒྱུ་མེད་པའི་ཁྱད་ཆོས་ཡོད་ཅིང་།
<<ཡུ་ལིས་ཞིས་སི་>>ཟེར་བ་དེས། མཚམས་མཚམས་སུ་ཤོག་གྲངས་མང་བོ་ཞིག་ཏུ་གཅོད་མཚམས་ཀྱི་ཤད་ཀྱི་བཅད་རྒྱ་སོགས་ཀྱང་ཅི་ཡང་མེད་པར་བྲིས་ཡོད་པ་རེད།
འགྲེལ་བཤད་འདིས་འདོད་པ་མི་ཚིམས་ན། གོང་གི་ཚིག་དེ་གྷུ་གྷོལ་སོགས་སུ་འཚོལ་དང་། ཕལ་ཆེར་དབྱིན་ཡིག་དང་རྒྱ་ཡིག་ཏུ་རེག་ནི་རེད།
བསོད་ནམས་རྒྱལ། བོད་པའི་བརྩམས་སྒྲུང་དག་གི་ཁྲོད་ན་འོག་འགྱུ་བྱེད་ཐབས་སྤྱད་ཡོད་པའི་བརྩམས་སྒྲུང་མཆིས་སམ།
གུར་མགོན་ཚེ་རིང་གི་<<མི་རབས་གསར་བའི་ཉིན་འགའ>>
དེ་ཡི་མཚོན་བྱེད་དུ་བཞག་ན་རུང་ངམ།
ཚེ་རིང་བདེ་སྐྱིད། ངས་བལྟས་ན་ཡང་དེ་དཔེ་མཚོན་ཡག་ཤོས་ཞིག་རེད་དྲན་སོང་།དངོས་གནས་བརྩམས་སྒྲུང་དེ་འོག་འགྱུ་བྱེད་ཐབས་རང་སྤྱད་ནས་བྲིས་ཡོད་པའི་ཚོར་བ་བྱུང་།
ཁྱིམ་ པ་ བ། ཚང་མས་བསམ་བློ་གཏོང་དགོས་ས་གཅིག་ནི་གོང་གི་སྒྲུང་མཁན་དེའི་སྐད་ཆའི་ནང་གི་བསམ་བློ་དེ་རེད།
གང་ལྟར་གོང་གི་སྐད་ཆ་དེ་ལ་ཕྱིར་ལྡོག་འདི་ཞིག་བྱས་ན་༼བརྩམས་སྒྲུང་གང་ཞིག་གིས་མི་ཚུལ་ལ་བཀོད་འདོམས་བྱས་༽མྱོང་ངམ།
ཁྱིམ་ པ་ བ། འོ་་་་་རེད། འོག་འགྱུ་སྨྲ་བའམ་འགྲེལ་ཐབས་རྩོམ་སྟངས་འདི་དུས་རབས་༡༩འི་ནང་དར་ཟིག
དུས་རབས་ཉེར་གཅིག་ནང་ལའང་དེའི་རྔ་མ་ཞིག་ལྷག་ཡོད་ན་ཐང་མོད། ངས་འདྲི་འདོད་པ་ནི་གོང་གི་རྕོམ་མཁན་དེས་བཤད་པར་བདེན་རྩ་ཅི་ཞིག་ཡོད་དམ།
སྐྱབས་ལགས་ལ་དྲིས།
ཚེ་རིང་བདེ་སྐྱིད། yeap,you are true that "Stream of
conciousness "writing style was coined by Philosopher and pschologist
William James in 1890.And i think James Joyce is a great writer who use that
writing style in many of his writings like ,a story called (Araby).We can
lightly say its a love story.Our English teacher told that ,a book called
(Ulysses) by J Jorce is prime example of that writing style.So,try to read the
book if u want to know more about this writing style.
ཟླ་བ་གཞོན་ནུ། བསོད་ནམས་རྒྱལ་ལགས། Sonam Ja<<མི་རབས་གསར་བའི་ཉིན་འགའ>>་ཟེར་བ་བཞག་ཆོག་མིན་མི་ཤེས།
ངས་དེ་བཀླགས་མེད།
ཟླ་བ་གཞོན་ནུ། ཁྱིམ་ པ་ བ། <<དམག་འཁྲུག་དང་ཞི་བདེ>>
<<ཁྱིམ་དང་འཛམ་གླིང་།>> <<རྒད་པོ་དང་རྒྱ་མཚོ།>>
<<གོ་རཱ་>>སོགས་བརྩམས་སྒྲུང་གྲགས་ཅན་དེ་དག་གིས་འདུ་ཤེས་པ་འདུ་མ་ཤེས་པར་མི་ཚུལ་བཀོད་འདོམས་བྱས་ཡོད་པ་རེད།
དཔེར་ན་ཨ་རིའི་བུད་མེད་ཅིག་གིས་ཐོ་ཨར་སི་ཋིའི་<<དམག་འཁྲུག་དང་ཞི་བདེ>>་ལ་བལྟས་རྗེས་ཚོར་ཤུགས་དྲག་པོས་ང་ད་དུང་ཐེངས་མ་བརྒྱར་འཚོ་ན་འདོད་ཅེས་བསྒྲགས་ཡོད་པ་རེད།
གོང་གི་བརྩམས་སྒྲུང་འདི་དང་འདི་ལྟ་བུ་དག་གིས་ཀློག་མཁན་གང་མང་ལ་དངོས་ཤུགས་བརྒྱུད་གསུམ་གྱིས་ཤུགས་རྐྱེན་སྤྲད་ཡོད་པ་མ་རེད་དམ།
དཀའ་ངལ་ལ་གདོང་ལེན་བྱེད་པའི་སྤོབས་པ། དགོས་མེད་དང་འབྲེལ་མེད་ཀྱི་མི་རིགས་རིང་ལུགས།
དམག་འཁྲུག་གི་དཀའ་ངལ་དང་ཡ་ང་བའི་མཇུག་འབྲས། བུད་མེད་ཀྱི་དཀའ་ངལ་དང་དེའི་ཐད་ཀྱི་ཤེས་རྟོགས་སོགས་ཤུགས་རྐྱེན་ཐེབས་དང་ཐེབས།
ཟླ་བ་གཞོན་ནུ། འདིར་བརྩམས་སྒྲུང་ནུས་པ་གཞན་ལས་བསམ་ཡུལ་ལས་འདས་པའི་ཡོད་ཕྱིར་དམིགས་སུ་བཀར་བ་མ་གཏོགས།
རྩོམ་རིག་རང་ལ་གོ་ཡང་འཐུས་སྙམ། རྒྱུ་མཚན་གོང་དུ་ཞུས་པ་ལྟར། སྙན་ངག་དང་འཁྲབ་གཞུང་སོགས་ལ་ལྟོས་ཏེ་བརྩམས་སྒྲུང་ལ་ཞིབ་འབྲི་དང་མིའི་མོས་པ་འདྲེན་པ་ལ་སོགས་པའི་ཆ་རྐྱེན་འཛོམས་པོ་ཡོད་པ་རེད།
བསོད་ནམས་རྒྱལ། ཟླ་བ་གཞོན་ནུ་ལགས། དེ་ཚོ་ནི་དེ་ཚོ་སྟེ། དེ་དང་དེ་བཞིན་རེད།
རང་རིགས་ནི་རང་རིགས་ཏེ། ཅི་དང་ཅི་བཞིན་ཡིན་ནམ། དེ་ན་རང་ཅག་ལ་དེ་འདྲའི་བརྩམས་སྒྲུང་རྩོམ་མཁན་ག་ཚོད་ཡོད།
དེ་འདྲའི་བརྩམས་སྒྲུང་ཀློག་མཁན་ཡང་ག་ཚོད་ཡོད། བཀླགས་ཏེ་གོ་བ་རྙེད་མཁན་ཡང་དུ་དང་དུ་ཡོད་ན།
རང་རིགས་ལ་མཚོན་ན། བརྩམས་སྒྲུང་གིས་མི་ཚུལ་ལ་བཀོད་འདོམས་བྱེད་ཐུབ་རྒྱུ་ནི་བྱིས་པ་ཆུང་ཆུང་ཞིག་རྨི་ལམ་ལྟ་བུ་ཞིག་མ་ཡིན་ནམ།
ཡང་ན། དཀའ་ངལ་འདི་ཇི་ལྟར་སེལ་ལམ། ཡང་དྲི་བ་གཞན་ཞིག་དྲན་པ་ནི། རང་ཅག་གི་མི་ཚུལ་ལ་སུ་ཞིག་གིས་བཀོད་འདོམས་བྱེད་ཀྱི་ཡོད་དམ།
མདོར་ན། མི་ཚུལ་ཟེར་ན་ཅི་རེད།
ཟླ་བ་གཞོན་ནུ། བསོད་ནམས་རྒྱལ་ལགས། མེད་པ་ནས་ཡོད་པའི་ལམ་དུ་འགྲོ་དགོས་ཀ མི་རིགས་གཞན་པ་དག་ལའང་སྔོན་མ་ནས་རང་བཞིན་གྱིས་ཡོད་བསྡད་པ་ཞིག་མ་རེད།
ང་ཚོ་ཡར་རྒྱར་སོང་དང་འགྲོ་བཞིན་པ་རེད། བྱིས་པ་དེའི་རྨི་ལམ་དེ་ཡང་མངོན་དུ་འབྱུང་བའི་དུས་ཤིག་ཡོད་སྲིད།
སྒེར་སོ་སོ་ནས་འགན་འཁུར་བྱས་ན་གང་འདྲ་འདུག ང་དང་ཁྱོད། ད་དུང་ཁོང་དང་། ཁོང་མོ་སོགས་ཡོད་པ་མ་ཡིན་ནམ།
ཨོ། ཤེས་དགོས་རྒྱུ་ཞིག་ནི་མི་ཚུལ་ལ་ངེས་པར་བརྩམས་སྒྲུང་ཁོ་ནས་བཀོད་འདོམས་བྱེད་དགོས་པ་མ་རེད།
བརྩམས་སྒྲུང་ནི་བརྒྱུད་ལམ་བྱེ་བྲག་པ་གཅིག་རེད། ང་ཚོས་མི་ལ་སློབ་གསོ་རྒྱག་དུས་ཐབས་ལམ་དང་བརྒྱུད་ལམ་འདྲ་མིན་སྤྱོད་པར་བྱེད་པ་ལྟར།
བརྩམས་སྒྲུང་ཡང་དེ་བཞིན་བརྒྱུད་ལམ་གཅིག་རེད། བརྩམས་སྒྲུང་ལ་དེའི་ཁྱད་ཆོས་ཤིག་ཡོད་པ་དང་།
མི་རྣམས་སྒྲུང་ལ་ཉན་རྒྱུར་དགའ་བ་སོགས་ཀྱི་རྐྱེན་གྱིས། དེའི་ཆ་ནས་བརྩམས་སྒྲུང་གིས་དམིགས་བསལ་གྱིས་ནུས་ཤུགས་ཐོན་གྱི་ཡོད་རེད་འདོད།
མི་ཚུལ་དང་མི་ཇུས། སོགས་གཅིག་པ་རེད་སྙམ། མི་དོན་དང་མི་ཆོས་ཟེར་ཀྱང་ཆོག་གམ་སྙམ། མི་ཡི་ཚེ་སྲོག་ལ་གཅེས་སྤྲས་དང་།
མི་ཡི་བདེ་སྡུག་ལ་དོ་ཁུར་བྱེད་པ་དང་། མིའི་རྩིས་ཐང་ལ་སྲུང་སྐྱོབ། མི་ཡི་རང་དབང་ལ་ཁག་འཁུར་བྱེད་པ།
དེ་དག་གི་ཚུལ་ལམ་ལམ་ལྟ་བུ་ཡིན་པས། མི་ཚུལ་དང་མི་ཇུས་ཟེར་བ་རེད་འདོད།
བསོད་ནམས་རྒྱལ། ཟླ་བ་གཞོན་ནུ་ལགས། དེ་ན་བརྩམས་སྒྲུང་ནི་མི་རིག་པ་ཞིག་ཡིན་པ་རེད།
དེ་ན་དེ་འདྲའི་བརྩམས་སྒྲུང་ཇི་ལྟར་འབྲི་བར་་རྩོམ་མམ། བསམ་བློ་དང་ལག་ལེན་གྱི་སྟེང་ནས་དེ་ལ་ཇི་ལྟར་གྲ་སྒྲིག་བྱེད་དགོས་སམ།
ཟླ་བ་གཞོན་ནུ། བསོད་ནམས་རྒྱལ་ལགས། རྩོམ་པ་པོ་ལ་ངེས་པར་དུ་སློབ་སྦྱོང་ཡག་པོ་དགོས་པར་འདོད།
རྩོམ་པ་པོ་དང་སྙན་ངག་པ་ཚད་ལྡན་ཞིག་ལ་ངེས་པར་དུ་དགོས་པའི་ཆ་རྐྱེན་ནི་ལྟ་རྒྱ་ཆེ་དགོས་ཀི
ལྟ་རྒྱ་ཆེ་ན་ཤེས་རྒྱ་རང་བཞིན་གྱིས་ཇེ་ཆེར་འགྲོ་བར་འདོད། ལྷན་སྐྱེས་ཀྱི་སྤོབས་པ་སྟེ་ཤེས་རབ་ཡོད་མེད་གཉི་ག་ཡོད་ཅིང་།
དེ་ནི་ཚེ་སྔོན་མའི་ཚོགས་བསགས་ལྟ་བུ་ཡིན་པས་མེད་ན་ནི་ཐབས་ཤེས་མེད་པ་རེད། དེ་ནས་བརྩོན་འགྲུས་དགོས་ཀི
མི་དང་མིའི་བར་ཁྱད་པར་ཤོར་དུ་འཇུག་པའི་རྒྱུ་རྐྱེན་གཅིག་ནི་བརྩོན་འགྲུས་ཡོད་མེད་འདི་རེད་འདོད།
ཆུ་བོའི་རྒྱུན་བཞིན་གྱི་བརྩོན་འགྲུས་ཟེར་བ་ཡིན། རྟག་སྦྱོར་གྱི་བརྩོན་པ་དང་བརྟུན་པ།
གལ་ཏེ་མི་གང་ཞིག་ལ་ལྷན་སྐྱེས་ཀྱི་ཤེས་རབ་ཕུན་སུམ་ཚོགས་པོ་ཡོད་ན་ནི། དཀའ་ཚེགས་དམིགས་བསལ་ཡོད་མ་རེད།
མདོར་བསྡུས་ན་ངང་རྒྱུད་རིང་བོའི་སྒོ་ནས་སློབ་ལ་བརྩོན་རྒྱུ་ནི་གྲ་སྒྲིག་ཡག་ཤོས་དེ་མ་རེད་དམ།
ངོ་དེབ་ལས་དྲངས།
སྤྱི་ལོ། ༢༤།༣།༢༠༡༣
ངོ་དེབ་ལས་དྲངས།
སྤྱི་ལོ། ༢༤།༣།༢༠༡༣

.jpg)